
ཟླ་6ཚེས་21ཉིན་གྱི་དགོང་མོར།“ལྷ་ཡུལ་ལྟ་བུའི་གཟི་རྩ་སྡེ་དགུར་ལྟ་སྐོར་དང་། སྐྱེ་ཁམས་ལེགས་པོའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཟི་རྩ་སྡེ་དགུའི་སྐབས་གསུམ་པའི་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དུས་ཚིགས་གཟི་རྩ་སྡེ་དགུ་རྫོང་དུ་འགོ་བརྩམས་ཤིང་། འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ཁྲོད་དངོས་མིན་ཤུལ་བཞག་རིག་གནས་མི་སྟོང་གིས་དཀྲོལ་གཏོང་དང་། མི་རིགས་མཉམ་འབྲེལ་ཆེན་པོས་གཞས་གཏོང་བ། མཛེས་ལྗོངས་འོས་སྦྱོར། གཏམ་བཤད་སོགས་ཀྱི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཤིང་ཡུལ་དངོས་སུ་ཐལ་མོའི་རྡེབ་སྒྲས་ཁེངས། རིག་གནས་ཀྱི་ནང་དོན་ཟབ་མོ་དང་སྐྱེ་ཁམས་འདུ་ཤེས་མཉམ་འདྲེས་བྱེད་པའི་སྟོན་ཚོགས་དེས་འཛམ་གླིང་ལ་གཟི་རྩ་སྡེ་དགུ“བྱིས་སྒྲུང་ལྟ་བུའི་འཇིག་རྟེན”ཞིག་ཡིན་པའི་ཐུན་མིན་སྐྱེ་ཁམས་རིན་ཐང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསོན་ཉམས་ལྡན་པའི་ངང་གསལ་སྟོན་བྱས་ཡོད།

发表评论 取消回复