
ད་ལོའི་དབྱར་གནང་ནས་བཟུང་། མའོ་རྫོང་གི་ཀྲུང་གོའི་གནའ་བོའི་ཆའང་གྲོང་དུ་ཡུལ་སྐོར་བ་མང་བའི་དུས་ལ་སླེབས་ཞིང་། གཞི་གྲངས་ལས་མངོན་པ་ལྟར་ན། ཟླ་7པ་ནས་ཟླ་8པའི་བར་ཀྲུང་གོའི་གནའ་བོའི་ཆའང་གྲོང་དུ་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་14.9ལ་སྣེ་ལེན་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ་73.2འཕར་བ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་300ལས་བརྒལ་བ་དེ་དུས་མཚུངས་ལས་བརྒྱ་ཆ་45འཕར་ཡོད། ཉིན་རེར་ཆ་སྙོམས་ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་མི་ཐེངས་2500ལས་བརྒལ་ནས་ཉིན་གཅིག་ལ་སྣེ་ལེན་བྱེད་ཚད་མི་ཐེངས་6000ཟིན་ཡོད་པ་རེད།

发表评论 取消回复