ཟླ་6ཚེས་23ཉིན།ཁྲེང་ལན་ལྕགས་ལམ་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་སྤང་བཟང་ནས་ལྷ་མོ་དགོན་བར་གྱི་དུམ་མཚམས(ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་གྱི་སི་ཁྲོན་དུམ་མཚམས)ཀྱི་ཧུང་ཡོན་འབབ་ཚུགས་འཛུགས་སྐྲུན་བྱེད་འགོ་ཚུགས་ཤིང་། ཟི་ལིང་ནས་ཁྲེང་ཏུའུ་བར་གྱི་ལྕགས་ལམ་ལམ་ཐིག་ཧྲིལ་པོ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་ཁྲེང་ཏུའུ་ནས་ཟི་ལིང་བར་ཆུ་ཚོད་4.5ཙམ་གྱིས་ཐོན་ཐུབ།