ལུའོ་ཀྲེན་ཧྭས་གཙོ་འགན་བཞེས།
ངེད་གསར་འགྱུར་གྱི་གསར་བཀོད། ཟླ་8ཚེས་26ཉིན། སྐབས་བཅུ་གསུམ་པའི་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་63པ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གཞུང་གི་དྲུང་ཆེན་བཅས་གྲོས་ཚོགས་སུ་ཞུགས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་སྨི་ཅན་ཁང་དང་ཁུལ་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཁྲེན་ལེན་དབྱི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧའོ་ཞའོ་པིང་བཅས་གདན་ཞུས་ལྟར་གྲོས་ཚོགས་སུ་ཞུགས།
གྲོས་ཚོགས་ལས《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་བརླན་ས་སྲུང་སྐྱོང་གི་སྲོལ་ཡིག》ལ་སློབ་སྦྱོང་བྱས། གྲོས་ཚོགས་ལས་བླང་བྱ་བཏོན་དོན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དྲིལ་སྒྲོག་ལ་ཤུགས་སྐྱེད་དགོས། བརླན་ས་ཡི་རིམ་དབྱེ་དོ་དམ་དང་མིང་འགོད་ལམ་ལུགས་ནན་གྱིས་ལག་ཏུ་བསྟར་བ། བརླན་སར་གཏོར་བརླག་དང་འདམ་ཐན་ཐོན་ཁུངས་རྐུ་ལེན་སོགས་ཁྲིམས་འགལ་ཉེས་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་གཞི་གཅིག་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྒྲིབ་ཡོལ་དངོས་སུ་བརྟན་པོར་འཛུགས་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་ཀའི་སྐོར་གྱི་རྣམ་བཤད་གལ་ཆེན་དང《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་ཀའི་སྲོལ་ཡིག》 《སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ཀྱི་སྐོར་ཞིབ་ལས་ཀར་མཐུན་རྐྱེན་སྦྱར་བའི་གཏན་འབེབས》དང་ཞིང་ཨུའི་སྐོར་ཞིབ་ལས་ཀའི་སྐོར་གྱི་འབྲེལ་ཡོད་བླང་བྱ་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྐོར་ཞིབ་དང་རྩིས་བཤེར་ལས་ཀར་ཧུར་ཐག་གིས་མཐུན་རྐྱེན་སྦྱོར་བ་དང་། རྒྱུ་ཆ་མཁོ་སྤྲོད་དང་གྲངས་གཞི་ཞུ་སྤྲོད། ཡུལ་དངོས་ཞིབ་བཤེར། སྐབས་བསྟུན་འདེམ་བཤེར་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་པ། ནང་དོན་བདེན་དངོས་དང་ཁུངས་ལྡན་ཞིབ་བཤེར། ཤུལ་ཡོད་རིམ་ལྡན་བཅས་ཁག་ཐེག་བྱ་དགོས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གསན་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ལག་ལེན་དོན་འཁྱོལ་གྱི་གྲོས་གཞིར་ཞིབ་འཇུག་བྱས། གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ལ་ནན་གྱིས་སློབ་སྦྱོང་དང་གོ་བ་ལེན་པ། དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། སྙིང་སྟོབས་ཞུམ་མེད་སྒོས་བརྟན་བརླིང་སྲུང་སྐྱོང་དང་ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་སྤེལ་བ། ནུས་ཤུགས་ཡོད་དགུས་སྐྱེ་ཁམས་ལེགས་སུ་གཏོང་བ། མི་རིགས་མཛའ་མཐུན་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་ལེགས་པོ་མུ་མཐུད་དུ་སྲ་བརྟན་དང་ཇེ་མཐོར་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སློབ་གྲྭ་ཡི་ཟས་རིགས་དང་སློབ་གསོ་སྨན་བཅོས། རྒན་གསོ་སྤྱི་ཚོགས་འགན་སྲུང་། སྡོད་ཁང་འགན་སྲུང་། གྲོང་གསེབ་དར་རྒྱས་སོགས་དམངས་འཚོའི་མངའ་ཁོངས་ལ་དམིགས་ནས། རིམ་བཤེར་བཅོས་སྐྱོང་རྒྱུན་སྲོལ་དུ་དམ་འཛིན་དང་ཆེད་དོན་བཅོས་སྐྱོང་མུ་མཐུད་དུ་ཟབ་མོར་སྤེལ་བ། མང་ཚོགས་ཀྱི་མཁོ་དཀའ་ཁྲལ་སྒུག་གི་གནད་དོན་དངོས་སུ་བསལ་དགོས།གནད་དོན་ཁུངས་སྣེ་ཞུ་གཏུག་གི་བགྲོད་ལམ་ཤར་གཏོང་བྱ་དགོས། མང་ཚོགས་ཀྱི་བཤད་པ་ཛ་དྲག་ཆེ་བའི་གནད་དོན་མྱུར་བར་ཞིབ་བཤེར་དང་མྱུར་བར་བསྒྲུབ་པ། གྱོད་གཞི་གཅིག་རྩད་ཆོད་པ་དང་ཁག་གཅིག་ལ་དོགས་ཟོན་གཏོང་བ། ཁོངས་གཅིག་ལ་བཅོས་སྐྱོང་བྱ་བའི་མཐོ་གནོན་རྣམ་པ་ཆགས་དགོས་ལ། རང་ཁུལ་གྱི་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་མུ་མཐུད་དུ་སྲ་བརྟན་དང་སྲུང་སྐྱོང་བྱ་དགོས།
གྲོས་ཚོགས་ལས་དོན་ཚན་གཞན་དག་ལ་གྲོས་ཞིབ་དང་ཞིབ་འཇུག་བྱས།

发表评论 取消回复