ཞུས་ཀྲི་ཝུན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་དང་མཇལ་འཕྲད་གནང་། ལི་ཝེ་གོ་མཇལ་འཕྲད་དུ་ཞུགས།
  ངེད་གསར་འགྱུར་གྱི་གསར་བཀོད།ཟླ་6ཚེས་11ཉིན། ཁུལ་ཡོངས་ཀྱི་མང་ཚོགས་ལས་ཀ“སེ་འབྲུ”ལས་གཞི་སྟེ་བརྩེ་བས་གཏམས་པའི་རྔ་བ།དུས་རབས་ཀྱི་འོད་སྣང་ཞེས་པའི་སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་སྙན་ཞུའི་གྲོས་ཚོགས་འབར་ཁམས་སུ་འཚོགས། ཕུལ་བྱུང་གི་དངོས་ཞབས་དམག་མི་དང་དམག་ཁོངས་ལས་བུད་པའི་དམག་མི་ལྔ་ལས་གྲུབ་པའི་སྙན་ཞུ་ཚོགས་པ་སྙན་ཞུའི་གྲོས་ཚོགས་སུ་ཞུགས་ནས་སྙན་ཞུ་ཕུལ། སྙན་ཞུའི་གྲོས་ཚོགས་མ་འཚོགས་གོང་། ཁུལ་ཨུའི་ཧྲུའུ་ཅི་ཞུས་ཀྲི་ཝུན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མི་དང་མཇལ་འཕྲད་གནང་ཞིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་བར་མ་ཟད། ཁོང་ཚོ་བརྒྱུད་ནས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་ཁག་གི་མང་ཚོགས་ལས་ཀའི་སྔོན་ཐོན་དཔེ་བཟང་ཚོར་བླ་ན་མེད་པའི་གུས་བཀུར་ཡང་གནང་བ་རེད།
  ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལི་ཝེ་གོ་མཇལ་འཕྲད་དུ་ཞུགས།
  མཇལ་འཕྲད་བྱེད་རིང་། ཞུས་ཀྲི་ཝུན་གྱིས་སྙན་ཞུ་ཚོགས་པའི་ཁོངས་མིའི་བྱས་རྗེས་ལ་བསྔགས་བརྗོད་ཆེན་པོ་གནང་། ཁོང་གིས་བསྟན་དོན། ཁྱེད་ཚོས་དམག་སྒར་ནང་སྦྱོང་བརྡར་བྱས་ནས་འཚར་ལོངས་བྱུང་ཞིང་། གཟི་བརྗིད་ཀྱིས་ཁེངས་པའི་ཆབ་སྲིད་ཀྱི་བྱང་ཚད་དང་འགན་འཁུར་ཡག་པོ་མངོན་ཡོད། ཁྱེད་ཚོ་ནི་རྔ་བ་མི་དམངས་ཀྱི་ཕུལ་བྱུང་གི་བུ་ཕྲུག་དང་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་གི་མིག་དཔེ་རེད། ཚང་མས་སྔོན་ཆད་དང་བསྡུར་ན་ལྡབ་འགྱུར་གྱིས་འབད་བརྩོན་བྱས་ཏེ། ཕུགས་བསམ་ལྡན་པ་དང་། འགན་འཁུར་ཕོད་པ། དཀའ་ངལ་བཟོད་ཐུབ་པ། འབད་འཐབ་བྱེད་ཐུབ་པ་བཅས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་དགོས།
  སྙན་ཞུའི་གྲོས་ཚོགས་ཐོག་སྙན་ཞུ་ཚོགས་པའི་ཁོངས་མི་རྒྱ་མཚོ་བཀྲ་ཤིས་དང་། སྐལ་བཟང་ལྷ་མོ། མགོན་པོ་རྡོ་རྗེ།དབྱང་ཡུས་ཕིང་། ཡོན་ཧྥེང་བཅས་ཀྱིས་སྔ་རྗེས་སུ་སྙན་ཞུ་ཕུལ། ཁོ་ཚོས་བབ་ཆགས་པའི་སྐད་ཆ་ལ་བརྟེན་ནས་རྒྱལ་གཅེས་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ནང་ཞུགས་པའི་གཏམ་རྒྱུད་བརྗོད་པ་དང་། བརྩེ་བ་ཟབ་མོར་བརྟེན་ནས་ཚང་མར་ལྷག་བསམ་ནི་དད་མོས་ལས་བྱུང་བ་དང་། དཀའ་ཁག་གི་ཁྲོད་ནས་ལང་ཚོ་ལ་མཚར་སྡུག་བཀྲ་ཞིང་། མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མི་ཚེའི་རིན་ཐང་མངོན་འགྱུར་འབྱུང་དགོས་ཞེས་བཤད།
  རྔ་བའི་ཡན་ལག་དམག་ཁུལ་གྱི་ཏ་ཞའོ་དམག་སྤྱི་ཀྲེན་ཏུང་ཕིང་དང་ཁུལ་གྱི་འགོ་ཁྲིད་ཡི་དམ་འཚོ་མཉམ་དུ་མཇལ་འཕྲད་ལ་ཞུགས། སྙན་ཞུའི་གྲོས་ཚོགས་དེ་བརྙན་ལམ་བརྒྱུད་ནས་རྫོང(གྲོང་ཁྱེར)ཁག་དང་། ཡུལ་ཚོ(གྲོང་རྡལ)ཁག་གི་བར་དུ་འཚོགས། འབྲེལ་ཡོད་ཁུལ་གྱི་འགོ་ཁྲིད་དང་། ཁུལ་རིམ་པའི་སྡེ་ཁག(ལསཁུངས)ཁག་གི་འགན་འཁུར་བློ་མཐུན། འབར་ཁམས་ཀྱི་འཐུས་མི་གཉིས་དང་ཨུ་ཡོན་གཅིག་དང་སྤྱི་བདེའི་མི་དམངས་ཉེན་རྟོག་པ། རྔ་བ་ཁུལ་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་དཔོན་དམག སློབ་མའི་འཐུས་ཚབ་པ་སོགས་ཀྱིས་ཚོགས་ར་གཙོ་བོ་ནས་སྙན་ཞུར་ཉན།།