ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། གསར་འགོད་པའི་འབར་ཁམས་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་ནས་རྒྱུས་ལོན་བྱས་པ་ལྟར་ན། ད་ལོ་ནས་བཟུང་།གྲོང་ཁྱེར་དེས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་དཔེ་སྟོན་གསར་གཏོད་དང་།ཕྱི་ཕྱོགས་སྤེལ་རེས།ངལ་ནུས་རོགས་ལས་སོགས་བྱས་པ་བརྒྱུད་ཐབས་མང་མཉམ་སྤྱོད་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་སྟེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན་ཡོད།
འབར་ཁམས་གྲོང་ཁྱེར་གྱིས་ཆོས་ལུགས་སྡེ་ཁག་གི་མི་སྣ་32སྒྲིག་འཛུགས་བྱས་ཏེ་ཀྲེ་ཅང་དུ་བསྐྱོད་དེ“འཕེལ་རྒྱས་ལ་ལྟ་བ་དང་ཏང་གི་བཀའ་དྲིན་ཚོར་བའི”བྱེད་སྒོ་སྤེལ་བ་དང་།ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཁང་དང་གསར་བརྗེའི་སློབ་གསོའི་རྟེན་གཞིར་དངོས་སུ་རྟོག་ཞིབ་བྱས་པ་དང་།“ཀྲེ་ཅང་དང་རྔ་བའི་རིག་གནས་སྤེལ་རེས་ལོ་འཁོར”གཉེར་ནས་ས་གནས་གཉིས་ཀྱི་ཆོས་ལུགས་དང་རིག་གནས་ཁྱབ་ཁོངས་ཕན་ཚུན་སྤེལ་རེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་། ཤེས་ལྡན་མི་སྣ་ཕྱོགས་གཉིས་ལ་འཁོར་རྒྱུག་ཡོང་བར་སྐུལ་འདེད་བཏང་བ་དང་།འབར་ཁམས་ཀྱིས་སྒོ་དབྱེའི་མཉམ་ལས་ཁྲོད་མཐོང་རྒྱ་ཆེ་རུ་གཏོང་བ་དང་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་རྒྱུར་རམ་འདེགས་བྱས་ཡོད།
དུས་མཚུངས་སུ། གྲོང་ཁྱེར་དེས་“ས་ཁོངས་ལས་བརྒལ་བའི་ལས་ཞུགས་ཀྱིས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་འཆར་གཞི”ལག་བསྟར་བྱས་ཏེ།གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་8616(གྲངས་ཉུང་མི་རིགས་ཀྱིས་བརྒྱ་ཆ་70ཟིན་ཡོད)ཕྱིར་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པ་དང་།ཀྲེ་ཅང་དང་ཅང་སུའུ་སོགས་སུ“ཞིང་པ་ལས་མིའི་ཁྱིམ་ཚང”6བཙུགས་ཏེ།ཁེ་དབང་སྲུང་སྐྱོང་དང་གསོ་སྦྱོང་སོགས་གནད་སྨིན་ཞབས་ཞུ་བྱས་ཡོད། 2024ལོར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་4.2བྱུང་ནས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་འབབ་འཕར་སྒོར་5000ཟིན་པ་དང་།ངལ་ནུས་མཉམ་ལས་དེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།(གསར་འགོད་པ་འཛམ་སྒྲོན།)

发表评论 取消回复