ད་ལོ་ནས་བཟུང་། ཁུལ་ཡོངས་ཀྱི་ནོར་སྲིད་མ་ལག་གིས་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་ལ་ནན་པོར་འཁྱོལ་ཏེ། ཁུལ་ཨུའི་སྤྱོད་ཚུལ་བསྒྱུར་བ་དང་བྱས་རྗེས་འཇོག། སྒྲིག་ཁྲིམས་སྲུང་བ་བཅས་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་ནས་བསམ་ཕྱོགས་འཚོལ་ཞིབ་དང་བྱ་ཐབས་སྣོན་པ། ཕན་འབྲས་དངོས་ཐོན་པ་བཅས་བྱས་ཏེ་དུས་ཚིགས་དང་པོའི་འགོ་ཡག་པོ་འཛུགས་པའི་རྨང་གཞིའི་ཐོག་ལོ་སྟོད་ཀྱི་ནོར་སྲིད་གཏོང་ཡོང་དུས་ཚོད་སླེབས་ཚད་དང་ལས་འགན་གྲུབ་ཚད་གཉིས་ཕྱེད་ལས་བརྒལ་ཐུབ་པར་བྱུང་ཡོད།
ལོ་ཧྲིལ་པོའི་ལས་འགན་འགྲུབ་པར་རྨང་གཞི་བརྟན་པོ་བཏིང་ཡོད། གཅིག་ནས་བསྡུ་དགོས་པའི་དངུལ་ཚང་མ་བསྡུས་པ་དང་ནོར་སྲིད་ཡོང་འབབ་ཆེན་པོ་འཕར་བ་དང་། གཉིས་ནས་གཏང་དགོས་པ་ཚང་མ་བཏང་བ་དང་ནོར་སྲིད་ཀྱི་གཏོང་སྒོ་བརྟན་པོའི་ཁྲོད་འཕར་སྣོན་ཡོང་ཡོད། གསུམ་ནས་འགན་ལེན་བྱ་དགོས་པ་ཚང་མ་འགན་སྲུང་བྱས་ཏེ་ནོར་སྲིད་འགན་སྲུང་ནུས་ལྡན་དང་གོ་རིམ་ལྡན་པར་བྱས་ཡོད།།( བདེ་སྐྱིད་ཀྱིས་བསྒྱུར།)

发表评论 取消回复