ས་གནས་དེ་གའི་དྲྭ་གྲགས་ཅན་གྱི་ཐད་གཏོང་བརྒྱུད་ནས་བོད་སྤོས་འགྲེམ་འཚོང་བྱེད་བཞིན་པ།
  ཉེ་ཆར། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཉོ་ཚོང་ཚོགས་འདུ་སྐབས138པར། གཙོ་གཉེར་ཕྱོགས་ཀྱིས་དམིགས་འཛུགས་བྱས་པའི་མཁོ་ཆས་དང་། གངས་ལྗོངས་མཐོ་སྒང་གི་ཁྱད་ཆོས་ཐོན་རྫས་ལི་ཐང་སྦྲང་རྩི་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་ཚོང་པ་མང་པོའི་དོ་སྣང་བྱ་ཡུལ་དུ་གྱུར།
  ལི་ཐང་སྦྲང་རྩི་ནི་ལི་ཐང་རྫོང་དགའ་བ་ཡུལ་ཤོག་ཉིན་གཡོན་སྦྲང་གསོ་ཆེད་ལས་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པ་ཡིན་ལ། དགའ་བ་ཡུལ་ཤོག་གིས་རོགས་སྐྱོར་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ཐུན་མོང་དཔལ་འབྱོར་གྱི་བདག་དབང་རོགས་སྐྱོར་མ་དངུལ་བཙུགས་ནས་ཉིན་གཡོན་གྲོང་སྡེ་སོགས་གྲོང་སྡེ་ལྔ་ཡིས་མཉམ་སྐྲུན་བྱས་པའི་སྦྲང་གསོ་མཉམ་ལས་ཁང་དུ་བཏང་སྟེ“གཅིག་གྱུར་ལྔའི”དོ་དམ་ལག་བསྟར་བྱས་ཤིང་། ལག་རྩལ་དང་ཚད་གཞི། སྤུས་རྟགས། ཉོ་སྒྲུབ། ནོར་དོན་བཅས་གཅིག་གྱུར་བྱས་ནས་གྲོང་སྡེའི་ཐུན་མོང་དང་མཉམ་ལས་ཁང་།ཞིང་དུད་བཅས་ཀྱི་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཙུགས་པ་རེད།
  གྲོང་མི་མཉམ་ལས་ཁང་གི་མ་རྐང་འཇོག་མཁན་དུ་གྱུར་ན་ཁེ་བཟང་ལོན་པར་མ་ཟད།ད་དུང་སྦྲང་རྩི་བཙོང་བ་དང་ངལ་ལས་ལ་ཞུགས་པའི་བརྒྱུད་རིམ་ནས་ཡོང་འབབ་ཐོབ་ཐུབ། 2024ལོར་མཉམ་ལས་ཁང་གིས་གྲོང་མི794ལ་ཁེ་སྤོགས་སྒོར་ཁྲི10སྤྲད་ནས་ཁྱིམ་ཚང་ཆ་སྙོམས་ཡོང་འབབ་སྒོར602འཕར་ཡོད་པ་རེད། 
  དེ་ནི་ལི་ཐང་རྫོང་གིས་ཐོན་ཁུངས་མ་རྩ་ཅན་དང་། རྒྱུ་ནོར་མ་རྩ་ཅན།མ་རྩའི་ཕན་འབྲས་བཅས་ལྟེ་བའི་ཐབས་ལམ་དུ་བསྒྱུར་ཏེ།“ཁག་གཅིག་སྲ་བརྟན་དུ་གཏོང་བ་དང་།ཁག་གཅིག་རིམ་སྤོར་བྱེད་པ།ཁག་གཅིག་འཁོར་སྐྱོད་སླར་གསོ།ཁག་གཅིག་ལེགས་སྒྲིག་བྱེད་པ།”ཐོག་ནས“མ་རྩ་གསུམ”བསྒྱུར་རིམ་སྤོར་ལ་གནད་ལ་འཁེལ་བའི་སྐུལ་འདེད་བཏང་སྟེ།“ཐོན་ཁུངས་དང་མ་རྩ། རྒྱུ་ནོར། ཕན་འབྲས”ཀྱི་རིན་ཐང་འཕར་བར་ཐུན་མོང་དཔལ་འབྱོར་གྱི་སྤུས་ཚད་ལེགས་སུ་གཏོང་བ་དང་འབྲོག་པའི་ཡོང་འབབ་སྣ་མང་འཕར་སྣོན་མངོན་འགྱུར་བྱེད་པའི་དཔེ་མཚོན་ཞིག་རེད།
  མཆོད་རྟེན་ཡུལ་ཤོག་གི་ཕུལ་རྩ་གྲོང་སྡེའི་འབྲོག་དམངས་ཚེ་རིང་གིས་སྔོན་ཆད་གནག་ཕྱུགས30གསོས་ཤིང་། ལོ་རེར་ཡོང་འབབ་སྒོར10000ལ་ཡང་ཟིན་གྱི་མེད། ད་ཆ་ཁོས་གནག་ཕྱུགས་དེ་གྲོང་སྡེའི་མཉམ་ལས་ཁང་དུ་མ་རྐང་བཏང་ནས། མཆོད་རྟེན་ཡུལ་ཤོག་གི་ཕུལ་རྩ་གྲོང་སྡེའི་ལེ་ཐུང་གནག་ཕྱུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་མ་རྐང་འཇོག་མཁན་དུ་གྱུར་ཏེ། ལོ་ལྟར་ཁེ་བཟང་བགོ་ཆོག་པར་མ་ཟད།འབྲོག་རར་ལས་ཀ་བྱས་ནས་གླ་ཕོགས་ལེན་གྱི་ཡོད་པ་རེད།
  མཆོད་རྟེན་ཡུལ་ཤོག་གིས་གྲོང་སྡེ་ལྔའི་མཉམ་ལས་ཁང་བཙུགས་པ་དང་།དེང་རབས་ཅན་གྱི་འབྲོག་ར་བཞི་དང་རྩྭའི་རྟེན་གཞི་མུའུ8000བསྐྲུན་ཡོད། རྩྭ་རའི་སྔོ་ཁེབས་ཁྱབ་ཚད་བརྒྱ་ཆ15ཇེ་མཐོར་སོང་བ་དང་། ལོ་རེར་གནག་ཕྱུགས་འབུད་ཚད8600ལྷག་ལ་ཟིན་པ། གྲོང་སྡེ་ཡོངས་ཀྱི་ཐུན་མོང་ཡོང་འབབ་སྒོར་ཁྲི285.6བར་འཕར་ཡོད།
  དཔོན་སྐོར་ཡུལ་ཤོག་གི་ཁ་ཤུས་གྲོང་སྡེས“ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་།མ་དངུལ་མ་རྐང་དངུལ་དུ་འགྱུར་ཞིང་།ཞིང་པ་མ་རྐང་འཇོག་མཁན་འགྱུར་བ”ལ་བསྐུལ་ཏེ། 2024ལོར་ཧོ་ཆུས་དཔལ་ལྡན་འབྲོག་རའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི124.5ཟིན་པ་དང་།ཁྱིམ་ཚང་ཆ་སྙོམས་ཀྱི་ཁེ་བཟང་སྒོར3200ཙམ་བགོས་པ་རེད།
  གཟུགས་མེད་རིག་གནས་ཤུལ་བཞག་ཐོན་ཁུངས་རྒྱུན་འཛིན་ཐུབ་པར་མ་ཟད།གྲོང་མི་ཚོ་ཕྱུག་པོར་གྱུར་ནས་ཡོང་འབབ་འཕར་སྣོན་ཡོང་བའི“གསེར་གྱི་ལྡེ་མིག་”ཞིག་ཏུ་གྱུར་ཡོད། 2024ལོར་ལྷ་ཡུལ་ཤོག་གིས་མར་རྒྱ་མ་ཁྲི2.8ལྷག་ཐོན་པ་ལས་རིན་ཐང་སྒོར་ཁྲི185ལྷག་ལོན་ཡོད།གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི40.32འཕར་བ།བོད་སྤོས་ཐོན་ལས་ཀྱིས་སྒོར་ཁྲི12འཕར་བར་སྐུལ་ཁྲིད་བྱས་པ་རེད།།(བདེ་སྐྱིད་ཀྱིས་བསྒྱུར།)