
ཉི་འོད་ནུས་པའི་གློག་འདོན་སྒྲིག་ཆས་བཟོ་བ།

ནུས་ཁུངས་གཙང་མའི་ནུས་པ་ཇི་ལྟར་འདོན་ལུགས་ལ་བལྟ་བ།
ཉེ་སྔོན། རྒྱལ་ཡོངས་ཚན་རིག་ཁྱབ་བརྡལ་ཟླ་བའི་སྐབས་ཀྱི་ཐཱན་གཉིས་ཞིབ་འཇུག་དང་སློབ་སྦྱོང་གི་ཚན་རིག་ཁྱབ་གདལ་བྱེད་སྒོ་ཞིག་ཟི་ལིང་གྲོང་ཁྱེར་དུ་སྤེལ། ཐེངས་འདིའི་བྱེད་སྒོ་ནི་ཟི་ལིང་གྲོང་ཁྱེར་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་། ཟི་ལིང་གྲོང་ཁྱེར་པོ་ཝུན་སློབ་གྲྭའི་སློབ་ཆུང་སློབ་མ་རྣམས་མཚོ་སྔོན་གྱི་ཐཱན་གཉིས་ཚན་རིག་ཁྱབ་གདལ་ལག་ལེན་སློབ་གསོའི་རྟེན་གཞིར་ཆས་ཏེ། ནུས་ཁུངས་གཙང་མ་འཚོལ་ཞིབ་ཀྱི་འགྲུལ་བཞུད་མགོ་བརྩམས། བྱེད་སྒོའི་ཡུལ་དངོས་སུ། ཆེད་ལས་ཀྱི་སྒྲོག་འགྲེལ་དང“ཐཱན་གཉིས་ཤེས་བྱའི་འགག་སྒྲོལ”ཟུང་འབྲེལ་བྱས་ནས། སློབ་མ་རྣམས་ལ“ཐཱན་གཉིས”སྐོར་གྱི་ཚན་རིག་ཤེས་བྱ་དང་རྒྱལ་ཁབ་ཀྱི་འཐབ་ཇུས། མཚོ་སྔོན་གྱི་སྐྱེ་ཁམས་ལས་འགན་བཅས་གསལ་པོར་ངེས་སུ་བཅུག་ཅིང་། ནུས་ཁུངས་གཙང་མའི་ཐོན་སྐྱེད་བྱེད་གནས་སུ་སོང་ནས་ཐོན་རྫས་བཟོ་བའི་གོ་རིམ་ཆ་ཚང་རྒྱུས་ལོན་བྱེད་དུ་བཅུག དེ་མིན་ཉི་འོད་ནུས་པའི་གློག་འདོན་སྒྲིག་ཆས་དངོས་སུ་སྒྲིག་སྦྱོར་བྱས་ཏེ། ལག་ལེན་གྱི་ཁྲོད་ནས་ཚན་རྩལ་གསར་སྐྲུན་གྱི་ངོ་མཚར་དང་། ནུས་ཁུངས་གསར་པས་བསྐྱེད་པའི་འཚོ་བའི་འགྱུར་ལྡོག་ཉམས་སུ་མྱངས་པས། ལོ་ཆུང་གཞོན་ནུ་རྣམས་ཀྱི་ཚན་རིག་ལ་བཅངས་པའི་སྤྲོ་སེམས་དང་འདུན་པ་ཀུན་ནས་བསླངས་ལ། ཐཱན་གཉིས་འདུ་ཤེས་དེ་མྱོང་བ་དངོས་ཀྱི་སྟེང་ནས་མི་སེམས་སུ་འཇགས་པར་བྱས།

发表评论 取消回复