ད་སྔར་ནི་ར་མོ་ཤ་ཆེན་རྐོ་བའི་དུས་ཚོད་ཆེས་འཚམས་པོ་དེ་ཡིན། དར་མདོ་གྲོང་ཁྱེར་གུར་དྲག་གྲོང་རྡལ་རི་སྐེད་གྲོང་ཚོའི་ར་མོ་ཤ་ཆེན་འདེབས་འཛུགས་རྟེན་གཞིར་ཡུལ་མི་ཚོས་རྩི་ཤིང་གསེབ་ནས་ར་མོ་ཤ་ཆེན་བརྐོས་ཏེ་མི་ཁོམ་མི་ལྕོགས་བྱེད་བཞིན་ཡོད།
  འདེབས་འཛུགས་རྟེན་གཞིའི་ནང་ཡུལ་མི་དབྱང་པང་ཆིན་གྱིས་ར་མོ་ཤ་ཆེན་འཐུ་རྒྱུ་ནི་ལག་རྩལ་ཅན་གྱི་ལས་ཀ་ཞིག་ཡིན། དེའི་རྩ་བ་ནས་བརྐོ་དགོས་པ་དང་། ས་འདམ་ཁྲོད་ནས་དལ་མོར་བླང་དགོས། དེ་ལྟར་བྱས་ན་ཤུན་ལྤགས་རལ་དཀའ་ཞིང་ཕྱིར་ཚུལ་མཛེས་ལ་ཉར་ཡུན་ཡང་དེ་ལས་རིང་བ་ཡིན་ཞེས་གསར་འགོད་པར་དེ་ལྟར་ངོ་སྤྲོད་བྱེད་པ་རེད།
  ར་མོ་ཤག་ཆེན་ནི་སྨན་རྩྭ་གལ་ཆེ་ཞིག་ཡིན་པས་འཚོ་བཅུད་རིན་ཐང་དང་སྨན་སྤྱོད་རིན་ཐང་ཆེན་པོ་ལྡན་པ་དང་ཁྲོམ་རར་བྲིན་ཚད་ཡང་ཆེ། རི་སྐེད་གྲོང་ཚོར་མཚོ་འཕགས་སྨི1600ལྡན་པ་དང་ས་བབ་ལེགས་པ། སྔོ་ཁེབས་སྟུག་པ། གནམ་གཤིས་བཞའ་ཚན་ཆེ་བ་བཅས་ཁྱད་ཆོས་ཡོད་པས་ར་མོ་ཤག་ཆེན་སྐྱེ་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་འཛོམས་ཤིང་སྤུས་ཚད་ཀྱང་ལེགས་པོ་ཡོད་པ་རེད།
  དར་མདོའི་འཇའ་ཚོན་སྣ་ལྔའི་ཞིང་སྡེའི་ཞིང་ལས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བ་ཧོ་ཀྲི་ཆང་གིས་ང་ཚོས་ད་སྔར་སྤྱི་གཉེར་ཁང་དང་། མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་སྤྱད་ཡོད། ར་མོ་ཤག་ཆེན་གྱི་འདེབས་འཛུགས་གཞི་ཁྱོན་ཁྲི8ཙམ་ལ་ཟིན་པ་དང་། ལོའི་ཐོན་ཚད་སྤྱི་རྒྱ་ཁྲི7.5ནས10བར་ཟིན་ཡོད། ང་ཚོའི་ཚོང་ལམ་གཙོ་བོ་ནི་དྲྭ་གྲགས་ལ་བརྟེན་ནས་ཉོ་ཚོང་བྱེད་པ་དང་། དྲྭ་འོག་ནས་སྨན་རྫས་བཟོ་གྲྭ་དང་སྐམ་སིལ་ཉོ་སྒྲུབ་ཚོང་པ་དང་མཉམ་ལས་བྱེད་ཀྱི་ཡོད་ཅེས་བཤད།